ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

རྒྱ་ནག་དང་ཨུ་རུ་སུའི་མཉམ་འབྲེལ་དམག་སྦྱོང་།


རྒྱ་ནག་དང་ཨུ་རུ་སུའི་མཚོ་དམག་གི་དམག་གྲུ་བཅུ་ཐམ་པས་དཀྱིལ་ཐིག་རྒྱ་མཚོའི་ནང་དུ་མཉམ་འབྲེལ་དམག་སྦྱོང་བྱས་པ་དང་། ཨུ་རུ་སུ་དང་རྒྱ་ནག་གི་རྒྱལ་སྲུང་ལྷན་ཁང་གི་ལས་སྣེ་ཚོས་བཤད་པ་ལྟར་ན། གཟའ་འཁོར་འདིའི་ཕྱོགས་གཉིས་ཀྱི་མཉམ་འབྲེལ་དམག་སྦྱོང་དེའི་དམིགས་ཡུལ་གཙོ་བོ་མཚོ་ལམ་གྱི་བདེ་འཇགས་སྲུང་སྐྱོབ་དང་མཚོ་ཐོག་གི་སྐྱེལ་འདྲེན། ལས་དོན་སྒྲུབ་མཁན་རྣམས་སྐྱེལ་སྲུང་དང་མེ་མདེལ་ངོ་མ་ཚོད་ལྟ་བྱས་པའི་དམག་སྦྱོང་ཞིག་ཡིན། འདི་ནི་རྒྱ་ནག་དང་ཨ་རུ་སུའི་མཚོ་དམག་གིས་ཕན་ཚུན་རྒྱུས་ལེན་དང་དཀའ་ངལ་གསར་པར་མཉམ་དུ་གདོང་ལེན་ཇི་ལྟར་བྱ་དགོས་མིན། ཞི་བདེ་བརྟན་ལྷིང་ལ་སྲུང་སྐྱོབ་བྱེད་པའི་དམག་སྦྱོང་ཞིག་ཀྱང་ཡིན་ཞེས་བཤད་ཀྱང་། ཨུ་རུ་སུ་དང་རྒྱ་ནག་གི་མཉམ་འབྲེལ་དམག་སྦྱོང་འདི་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱིས་ཡུ་རོབ་ཀྱི་ས་གནས་ཁག་ཏུ་དམག་སྦྱོང་བྱེད་ཀྱི་ཡོད་པའི་མཚམས་སུ་བྱུང་ཡོད་པ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG