ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༣༠

ཀུན་གླེང་། ༢༠༢༤ ལོའི་ཟླ་༣ ཚེས་༨


ཀུན་གླེང་། ༢༠༢༤ ལོའི་ཟླ་༣ ཚེས་༨
please wait

No media source currently available

0:00 0:59:58 0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་སྲིད་འཛིན་བྷ་ཌན་གྱི་རྒྱལ་དོན་སྲི་ཞུ་སྙན་སྒྲོན་དང་། རྒྱ་ནག་གིས་ཨ་རིར་སྐྱོན་འཛུགས། བོད་ལྗོངས་མི་དམངས་འཐུས་མི་ཟེར་བས་བོད་གནས་འཁྱོག་བཤད། ༧གོང་ས་མཆོག་ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ལ་མཇལ་འཕྲད། གསུམ་བརྒྱད་མཆོད་འབུལ། བུད་མེད་དུས་ཆེན་སོགས་ཡོད། དྲ་སྣང་གི་བོད་དུ་ཏཱ་ལའི་བླ་མའི་མཚན་ཐོག་གི་སློབ་ཡོན་གསལ་བསྒྲགས་དང་། བོད་ཀྱི་བུད་མེད་ཀྱི་ལན་བུའི་རིག་གཞུང་། བོད་དོན་ཁྲིམས་འཆར་ཆེད་ཨ་རིའི་གྲོས་ཚོགས་གོང་མར་ཞུ་གཏུག་བཅས་ཡོད། ཆབ་སྲིད་བཙོན་པ་ངོ་སྤྲོད་ཀྱི་ལེ་ཚན་ནང་ཕྱི་ལོ་ ༡༩༩༢ ལོའི་ཕྱི་ཟླ་ ༦ ཚེས་ ༣༠ ཉིན་མོན་གྲོ་གུང་དཀར་རྫོང་རྒྱ་མ་ཤང་དུ་ངོ་རྒོལ་བྱས་ཏེ་ལོ་བཅོ་ལྔའི་རིང་བཙོན་འཇུག་བྱས་ནས་༢༠༢༣ ལོའི་ཕྱི་ཟླ་ ༡༢ ཚེས་ ༢༣ ཉིན་ལྷ་སར་སྐུ་ཚེའི་འཕེན་པ་རྫོགས་པའི་ཆབ་སྲིད་བཙོན་ཟུར་དཀོན་མཆོག་བློ་གྲོས་ལགས་ངོ་སྤྲོད་ཀྱི་ཚན་པ་གཉིས་པ་དེ་ཡོད། ཀུན་གླེང་ལས་རིམ་དུ་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་སེར་བྱེས་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷ་རམས་པ་ངག་དབང་སྟོབས་ལྡན་ལགས་ལ་སེར་བྱེས་དཔེ་མཛོད་ཁང་དུ་དཔེ་ཆ་ལག་བྲིས་མ་དང་རྡོ་པར་མ། ཤིང་པར་མ་དང་ལྕགས་པར་མ། དཔེ་ཆ་དཀོན་རིགས་རྣམས་ཉར་ཚགས་སོགས་ཀྱི་ཐད་བགྲོ་གླེང་ཞུ།

XS
SM
MD
LG