རྒྱ་གར་གཞུང་ནས་རྒྱ་ནག་གི་ཤུགས་རྐྱེན་ལ་ཁ་གཏད་ཆེད་དུ་ས་མཚམས་དམག་མི་ཚོར་བོད་ཀྱི་སྐད་ཡིག་དང་ལོ་རྒྱུས་སོགས་སློབ་ཁྲིད་བྱེད་ཀྱི་ཡོད་པའི་ སྐོར་འདི་ག་ཨ་རིའི་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ཚན་གྱི་ལྡི་ལིའི་གསར་འགོད་པས་གནས་ཚུལ་བཏང་བ་ཞིག་པ་སངས་དབྱངས་སྐྱིད་ནས་ཕྱོགས་སྒྲིག་ཞུ་ཡི་རེད།
རྒྱ་དཀར་ནག་གཉིས་ཀྱིས་བལ་ཡུལ་ནང་གཞི་རྩའི་རྨང་གཞི་འཛུགས་སྐྲུན་ལས་གཞི་ལ་བརྟེན་ནས་ཧི་མ་ལ་ཡའི་རི་རྒྱུད་དུ་སོ་སོའི་ཤུགས་རྐྱེན་རྒྱ་བསྐྱེད་གཏོང་ཐབས་བྱེད་བཞིན་པ་དང་། བལ་ཡུལ་གཞུང་གིས་རྒྱ་དཀར་ནག་གཉིས་དང་འབྲེལ་ལམ་འཛུགས་ཕྱོགས་ཐད་དོ་མཉམ་དང་བར་གནས་གྱི་སྲིད་ཇུས་འཛིན་ཐབས་བྱེད་བཞིན་ཡོད་པའི་སྐོར་ཚེ་རིང་དབང་མོས་བསྒྱུར།
ཨ་རི་དང་ཨ་རིའི་མནའ་མཐུན་པ་ཚོས་རྒྱ་ནག་གཞུང་དང་འབྲེལ་ཡོད་དྲ་རྒྱ་ཁག་ནས་འདས་པའི་ལོ་བཅུ་བཞི་ཙམ་རིང་དྲ་རྒྱར་སིམ་འཛུལ་གྱི་བྱ་སྤྱོད་སྤེལ་ཡོད་པའི་ཉེས་འཛུགས་བྱས་པར་རྒྱ་ནག་གིས་ངོས་ལེན་མེད་པའི་ལན་འདེབས་བྱས་ཡོད་པའི་སྐོར་པ་སངས་དབྱངས་སྐྱིད་ནས་སྙན་སྒྲོན་ཞུ་ཡི་རེད།
༄༅། །རྒྱ་ནག་གི་མཚོ་ཐོག་ཉེན་རྟོག་གྲུ་གཟིངས་ཀྱིས་ཕི་ལི་ཕིན་གྱི་མཚོ་དམག་གྲུ་གཟིངས་ཤིག་ལ་ཤིན་ཏུ་ཤུགས་དྲག་ཆེ་བའི་ཆུ་ཐོར་ཆེད་ཀྱི་སྒྲིག་ཆས་བེད་སྤྱོད་བཏང་པར་བརྟེན་ནས་རྒྱ་ནག་ལ་ངོ་རྒོལ་ཤུགས་ཆེ་བྱེད་དགོས་བྱུང་ཡོད་པའི་སྐོར་གྱི་གནས་ཚུལ་ཞིག་རྒྱལ་མཚན་ཚེ་རིང་ལགས་ཀྱིས་སྙན་སྒྲོན་ཞུ་ཡི་རེད།
༄༅། །ཧོང་ཀོང་གི་བདེ་འཇགས་ཁྲིམས་གཞི་གསར་པ་ཟེར་བ་ལག་བསྟར་བྱས་ཡོད་པར་བརྟེན་ནས་མི་དམངས་ཀྱི་རང་དབང་ཐད་དམ་བསྒྲགས་སྔར་བས་ཤུགས་ཆེ་ཡོང་འགྱུར་འཇིགས་སྣང་བྱེད་དགོས་པ་ཞིག་ཆགས་ཀྱི་ཡོད་པའི་སྐོར་གྱི་གནས་ཚུལ་ཞིག་རྒྱལ་མཚན་ཚེ་རིང་ལགས་ཀྱིས་སྙན་སྒྲོན་ཞུ་ཡི་རེད།
ཉེ་ཆར་རྒྱ་ནག་དམངས་སྲིད་ལས་ཁུངས་ཀྱིས་རྒྱ་ནག་གི་མངའ་ཁོངས་བདག་དབང་ལ་གནོད་པའི་ས་མིང་བེད་སྤྱོད་མི་ཆོག་པ་བྱས་ཡོད་པའི་ས་མིང་དོ་དམ་ཁྲིམས་སྲོལ་གསར་པ་ཞེས་པ་གཏན་འབེབས་བྱས་ཏེ། རིང་མིན་སྤྱི་ཟླ་༥ པའི་ཚེས་༡ ཉིན་ནས་དངོས་སུ་ལག་བསྟར་བྱ་རྒྱུ་ཡིན་པའི་སྐོར་བདེ་ཆེན་རྒྱ་མཚོ་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
རྒྱ་ནག་ཕྱི་སྲིད་བློན་ཆེན་ཝང་དབྱི་ཨོ་སི་ཀྲོ་ལི་ཡའི་རྒྱལ་སར་འབྱོར་ཏེ་ཡུལ་དེའི་སྲིད་བློན་དང་ཕྱི་སྲིད་བློན་ཆེན་རྣམ་གཉིས་ལ་ཐུག་འཕྲད་ཀྱིས་གནད་དོན་གང་མང་ཞིག་གི་ཐོག་གླེང་སློང་བྱེད་དུས། ཨོ་གླིང་གིས་བོད་དང་ཤར་ཏུར་ཀི་སི་ཐན་ནང་གི་གནས་བབ་ལ་བློ་འཚབ་ཡོད་པ་གསལ་སྟོན་བྱས་པ་དང་། ས་གནས་བོད་མི་སོགས་ཀྱིས་ཝང་ལ་ངོ་རྒོལ་བྱས
རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡི་ཡིས་རེས་གཟའ་ཕུར་བུའི་ཉིན་ཨོསི་ཀྲེ་ལི་ཡའི་སྲིད་བློན་ཟུར་པ་པོལ་ཀི་ཀྲིང་དང་ཐུག་འཕྲད་ཀྱིས་ཨ་མི་རི་ཀའི་མཐུན་ཕྱོགས་ཡིན་པ་ཨོསི་ཀྲེ་ལི་ཡས་རང་དབང་ཅན་གྱི་ཕྱི་འབྲེལ་སྲིད་ཇུས་བཟུང་དགོས་པའི་སྐུལ་སློང་བྱས་ཡོད་པའི་སྐོར་ནམ་མཁའ་བསྟན་འཛིན་ལགས་ཀྱིས་སྙན་སྒྲོན་གནང་གི་རེད།
ཨོ་གླིང་ནང་གི་བོད་མི་ཚོས་ཨོ་གླིང་དང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཉིས་མཇལ་འཕྲད་གནང་སྐོབས་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་ཡོད་པ་དང་། །ཨོ་སི་ཀྲོ་ལི་ཡའི་ཕྱི་སྲིད་བློན་ཆེན་ནས་ཡུ་ཁུར་དང་བོད། །ཧོང་ཀོང་སོགས་ཀྱི་འགྲོ་བ་མི་ཐོབ་ཐང་གི་གནས་སྟངས་ཐོག་གླེང་མོལ་ཞུས་པའི་སྐོར་པ་སངས་དབྱངས་སྐྱིད་ནས་ཕྱོགས་སྒྲིག་ཞུ་ཡི་རེད།
ཧོང་ཀོང་གི་ཁྲིམས་བཟོ་བ་རྣམས་ཀྱིས་ཁ་སང་གཟའ་མིག་དམར་ཉིན་མགྲིན་དབྱངས་གཅིག་གྱུར་ཐོག་རྒྱལ་ཁབ་བདེ་འཇགས་ཁྲིམས་ཡིག་གསར་པ་ཞིག་ལ་ཆོག་མཆན་བཀོད་དེ། རྒྱལ་ཁབ་ལ་ངོ་ལོག་དང་ངོ་རྒོལ་བྱེད་མཁན་རྣམས་ལ་ཚེ་གང་བོར་བཙོན་འཇུག་ཁྲིམས་ཐག་གཅོད་པ་སོགས་ཉེས་ཆད་ལྗིད་མོ་ཁག་ཅིག་གཏན་འབེབ་བྱས་པ་པདྨ་རྡོ་རྗེས་ངོ་སྤྲོད་ཞུས།
༄༅། །ཉེ་བའི་གཟའ་འཁོར་ནང་རྒྱ་ནག་གིས་མལ་ཌིབསེ་ཐེ་བའི་རྒྱ་གར་རྒྱ་མཚོའི་ཐོག་གི་མཚོ་གླིང་རྒྱལ་ཁབ་ཁག་དང་བདེ་སྲུང་གི་འབྲེལ་ལམ་གཏིང་གཟབ་ཏུ་གཏོང་བཞིན་པའི་ཐོག་ནས་རྒྱ་དཀར་ནག་གཉིས་དབར་ཁུལ་དེའི་ནང་གི་ཤུགས་རྐྱེན་ལ་འགྲན་སྡུར་ཤུགས་ཆེ་བྱེད་བཞིན་པའི་སྐོར་པདྨ་བདེ་ཆེན་ལགས་ཀྱིས་སྙན་སྒྲོན་ཞུ་ཡི་རེད།
༄༅།། ཧོང་ཀོང་གི་གྲོས་ཚོགས་འཐུས་མི་ཚོས་པེ་ཅིང་གི་བཀའ་ལྟར་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་གཏན་ལ་ཕབ་སྟེ་མངའ་ཁུལ་དེའི་མང་ཚོགས་ཀྱིས་ལོ་བཅུ་ཕྲག་མང་པོར་ངོ་རྒོལ་ལས་འགུལ་སྤེལ་བ་ནུས་མེད་དུ་གྱུར།
མང་སྣོན།
No live streaming currently available
༢༠༢༣ ལོ་ནི་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་ལས་གཞི་འགོ་ཚུགས་ནས་ལོ་༡༠ འཁོར་བའི་དུས་སྟོན་ཡིན། ལས་གཞི་དེ་ཞི་ཅིན་ཕིང་གིས་སྤེལ། ཨ་སྒོར་དུང་ཕྱུར་བཅུ་ཕྲག་མང་པོའི་འགྲོ་གྲོན་བཏང་ནས་འཛམ་གླིང་གང་སར་གཞི་རྩའི་འཛུགས་སྐྲུན་གྱི་ལས་གཞི་བརྩམས། འགོ་བརྩམས་པའི་ཚུན་ཆད་དུ་ཞི་ཡིས་རྒྱུད་གཅིག་ལམ་གཅིག་གི་དམིགས་ཡུལ་རྒྱ་བསྐྱེད་དེ་འཕྲོད་བསྟེན་ལྟ་སྐྱོང་དང་། ཤེས་རིག་སློབ་གསོ། ཚན་རྩལ་བཅས་སུ་ཁྱབ་ཡོད།