ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཁ་ཆེ་དྲག་སྤྱོད་པ་ཚོས་ཨ་རིའི་གསར་འགོད་པ་ཞིག་བསད་པ།


སུ་ཎི་ཆོས་རྒྱུད་ཀྱི་ཁ་ཆེ་དྲག་སྤྱོད་རུ་ཚོགས་དེས་གཟའ་མིག་དམར་ཉིན་དྲ་ལམ་ལ་བརྙན་པར་འགྲེམ་སྤེལ་བྱས་པ་ལྟར་ན། ཁོ་ཚོར་ཨི་རཀ་གི་བྱང་ཕྱོགས་སུ་ཨ་རིའི་དམག་དཔུང་གིས་གཏོར་རྒོལ་བྱས་ཡོད་པས། ཁོ་ཚོས་ཨ་མི་རི་ཀར་དགྲ་ལན་སློག་པའི་ཆེད་དུ་ཨ་རིའི་མི་སེར་ཡིན་པ་ཇེམ་སི་ཕོ་ལི་ཟེར་པའི་རང་དབང་གསར་འགོད་པ་ཞིག་སྐེ་བཅད་ནས་བསད་པའི་གནས་ཚུལ་ཐོན་པ་དངོས་བདེན་རེད་ཅེས་ཨ་རིའི་གཞུང་གིས་ངེས་གཏན་བྱསའདུག་པའི་སྐོར། འདི་གའི་གསར་འགོད་པས་སྤེལ་བའི་གནས་ཚུལ་འདི་ཚེ་བརྟན་ཆོས་སྒྲོན་གྱིས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG