ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ཁ་ཆེ་མཐར་ལྷུང་རུ་ཚོགས་ལ་ཁ་གཏད་གཅོག་རྒྱུའི་མནའ་འབྲེལ་ཤུགས་ཆེ་རུ་འགྲོ་བ།


ཁ་ཆེའི་མཐར་ལྷུང་རུ་ཚོགས་ isis ཟེར་བ་ཕམ་ཉེས་གཏོང་རྒྱུའི་འབད་བརྩོན་བྱེད་རིམ་ནང་རྒྱལ་སྤྱིའི་སྤྱི་ཚོགས་མཉམ་ཞུགས་བྱེད་དགོས་ལུགས་སྲིད་འཛིན་བྷ་རག་ཨོ་བྷ་མ་མཆོག་གིས་གཞེན་བསྐུལ་གནང་ཡོད་པ་དང་ སུ་ནི་ཆོས་རྒྱུད་ཀྱི་མཐར་ལྷུང་ཚོགས་སྡེ་དབྱིན་ཚིག་བསྡུས་མིང་དུ ISIS འམ་ISILཟེར་བ་དེ་ནི་ ཨི་རག་དང་སི་རི་ཡའི་ས་ཁྱོན་ཧ་ཅང་རྒྱ་ཆེ་བཙན་བཟུང་བྱས་ཏེ་པའི་ནང་ མི་མང་པོ་སྡེབ་གསོད་དང་སྐེ་གཅོད་འབྲེག་བྱེད་མཁན་ཞིག་ཡིན་པ་རེད ཚོགས་དེས་བྱ་ངན་གང་མང་སྤེས་བ་ལྟར་སྲིད་འཛིན་བྷ་རག་ཨོ་བྷ་མས་ཀྱང་ ཁ་ཆེ་མཐར་ལྷུང་རུ་ཚོགས་དེར་རྒོལ་བའི་མནའ་འབྲེལ་སྒྲིག་འཛུགས་རྒྱ་ཆེ་རུ་གཏོང་རྒྱུའི་སྐུལ་མ་གནང་གི་ཡོད་པའི་སྐོར་ འདི་གའི་གསར་འགོད་པ་ཨེན་དྲི་ གྲི་ ནེས་ན་ར་གྱིས་སྤེལ་བའི་གནས་ཚུལ་དེ་ནམ་མཁའ་བསྟན་འཛིན་གྱིས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་གི་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG