ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཨ་རིས་ཨི་རཀ་ལ་དམག་རོགས།


གཟའ་ཉི་མའི་ཉིན་སྲིད་འཛིན་ཨོ་བྷ་མས་ཨ་རིའི་གྲོས་ཚོགས་གོང་འོག་གི་འགོ་ཁྲིད་ཚོར་ཡེ་གེ་བཏང་སྟེ། ཨ་མི་རི་ཀའི་གནམ་དམག་གིས་ཨི་རཀ་གི་ཁ་ཆེ་དྲག་སྤྱོད་པ་ཚོར་དམིགས་སུ་བཀར་ནས་གཏོར་རྒོལ་བྱ་ཡུལ་རྒྱ་རུ་བཏང་ཡོད། ང་ཚོས་ཨི་རཀ་གི་དམག་ལ་རྒྱབ་སྐྱོར་བྱས་ནས་མཱོ་སུལ་ཆུ་མཛོད་ཆེན་མོ་ཕྱིར་ལེན་བྱ་རྒྱུ་ཡང་ཧ་ཅང་གི་གནད་འགག་ཆེན་པོ་ཞིག་ཡིན། ཆུ་མཛོད་དེ་ཕྱིར་ལེན་བྱ་མ་ཐུབ་ན་ཨི་རཀ་གི་མི་མང་སྟོང་ཕྲག་མང་པོའི་ཚེ་སྲོག་ལ་ཉེན་ཀ་ཡོད་པ་མ་ཟད། རྒྱལ་ས་བྷག་དྷཏ་གྲོང་ཁྱེར་དུ་བཅའ་སྡོད་ཨ་རིའི་གཞུང་ཚབ་ཁང་དང་ཕྱི་འབྲེལ་ལ་སྐུ་ཚབ་དོན་གཅོད་ཁག ད་དུང་ཨི་རཀ་གི་ས་ཐོག་ཏུ་ཡོད་པའི་ཨ་མི་རི་ཀའི་དམག་དོན་མི་སྣའི་བདེ་འཇགས་ལའང་ཉེན་ཀ་འབྱུང་སྲིད་ཅེས་འགྲེལ་བཤད་བརྒྱབ་སྟེ། དེ་རིང་གཟའ་ཟླ་བའི་ཉིན་ཨ་མི་རི་ཀའི་གནམ་དམག་གི་རྒྱབ་སྐྱོར་འོག་ཏུ་ཨི་རཀ་གི་དམག་གིས་ཁ་ཆེ་དྲག་སྤྱོད་པ་ཚོར་འཐབ་རྒོལ་དྲག་པོ་བྱས་པ་དང་། ཉེ་ཆར་ཁ་ཆེ་དྲག་སྤྱོད་པའི་དབང་སྒྱུར་འགོ་ཏུ་ཤོར་པའི་མཱོ་སུལ་ཆུ་མཛོད་ཆེན་མོ་སླར་ཡང་ཨི་རཀ་གི་གཞུང་དམག་གིས་ལེན་ཐུབ་ཡོད་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG