ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༡༦

ཧོང་ཀོང་གི་ངོ་རྒོལ་དེ་ཐེ་ཝན་འགུགས་ཐབས་ལ་གནོད་སྐྱོན།


ཁ་སྔོན་གཟའ་སྤེན་པ་ནས་ཧོང་ཀོང་གི་སློབ་ཕྲུག་ཚོས་དབྱིན་ཇིའི་མི་སེར་སྤེལ་ཡུལ་དུ་གྱུར་པའི་ས་གནས་དེའི་ཚོང་དོན་ལྟེ་གནས་བཀག་སྟེ། ཁོ་ཚོས་ཧོང་ཀོང་ལ་དམངས་གཙོའི་འོས་འདེམས་བྱ་ཆོག་པའི་ཐོབ་ཐང་དགོས་ཞེས་ངོ་རྒོལ་བྱས་པ་དང་། ཧོང་ཀོང་གི་ཉེན་རྟོག་པ་ཚོས་སློབ་ཕྲུག་ཚོའི་ཁྲོད་དུ་མཆི་སྦྱིན་དུག་རླངས་དང་མིག་ཆུ་ཐོར་པའི་རྫས་ཆུ་གཏོར་ཏེ། སློབ་ཕྲུག་ཚོར་མིག་ཆུ་ཐོན་གྱི་ཡོད་པ་དང་ཧོང་ཀོང་གི་ཚོང་དོན་ལྟེ་གནས་སུ་དུད་སྤྲིན་འཁྲིགས་ཡོད་པའི་བརྙན་པར་རྣམས་ཐེ་ཝན་བརྙན་འཕྲིན་ལས་ཁུངས་ཁག་གིས་རྒྱལ་ཡོངས་ལན་མང་བསྟན་ཡོད་ཅིང་། གལ་སྲིད་རྒྱ་ནག་གཞུང་གིས་ཐེ་ཝན་ཡང་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་ཇུས་འོག་ཏུ་སྐམ་ས་ཆེན་མོར་གཅིག་གྱུར་བྱ་རྩིས་ཡོད་ཚེ། གཟའ་མཇུག་དེར་ཧོང་ཀོང་ལ་བྱུང་བའི་ཟིང་ཆ་དེས་ཐེ་ཝན་མི་དམངས་ལ་བག་ཆགས་བཟང་པོ་ཞིག་གཏན་ནས་འཇོག་ཐུབ་མེད་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG