ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

༧གོང་ས་མཆོག་གིས་རྒྱ་གར་གྱི་ཆོས་ལུགས་འདྲ་མིན་གྱི་ཚོགས་ཆེན་བསྡུ་སྐོང་།


བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་གྲོང་ཁྱེར་མུམ་བྷེའི་ནང་གི་ཉིན་གསུམ་གྱི་མཛད་འཆར་ཁག་ལེགས་གྲུབ་ཀྱིས་ཕྱི་ཚེས་༡༩་ཉིན་རྒྱལ་ས་ལྡི་ལིར་ཞབས་སོར་འཁོད་ཡོད་ཅིང་། ལྡི་ལིར་མཛད་འཆར་གཙོ་བོ་མགོན་པོ་གང་ཉིད་ཀྱི་མཚན་ཐོག་ཏུ་བསྡུ་སྐོང་གནང་བའི་རྒྱ་གར་གྱི་ཆོས་ལུགས་འདྲ་མིན་གྱི་དབུ་ཁྲིད་རྣམ་པའི་ཚོགས་ཆེན་ལ་༧གོང་ས་མཆོག་དབུ་བཞུགས་གནང་གི་ཡོད་པ་དང་། ལྡི་ལི་སྐུ་ཚབ་དོན་གཅོད་བཀའ་ཟུར་བསྟན་པ་ཚེ་རིང་ལགས་ཀྱིས་༧གོང་ས་མཆོག་གིས་ཚོགས་འདུ་འདི་འདྲ་ཞིག་སྐོང་ཚོགས་མཛད་པའི་དམིགས་ཡུལ་ནི་རྒྱ་གར་གྱི་ཆོས་ལུགས་གྲུབ་མཐའ་ཁག་མཐུན་སྒྲིལ་དང་དམ་གཙང་གི་སྒོ་ནས་འཛམ་གླིང་ཡོངས་ལ་མིག་དཔེ་བཟང་པོ་ཞིག་སྟོན་ཐུབ་པའི་ཆེད་དུ་དགོངས་པ་བཞེས་པ་རེད་ཅེས་གསུངས་ཡོད་པ་སོགས་ཀྱི་སྐོར། འདི་གའི་གསར་འགྱུར་མཁོ་གཏོང་བ་ཚེ་རིང་དབང་རྒྱལ་ལགས་ཀྱིས་གནས་ཚུལ་བཏང་བ་ཞིག་གསན་རོགས་གནང་།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG