ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་ནག་གི་ནང་ཡེ་ཤུའི་ཆོས་རྟགས་རྒྱ་གྲམ་སྲུང་སྐྱོབ་བྱེད་ཐབས་བྱེད་ཀྱི་ཡོད་པ།


རྒྱ་ནག་གི་གཞུང་འབྲེལ་མི་སྣ་རྣམས་ཀྱིས་ཡེ་ཤུའི་ཆོས་ཁང་ཁག་གཏོར་ བཤིག་བཏང་པ་དང་སྦྲགས། ཡེ་ཤུའི་ཆོས་རྟགས་རྒྱ་གྲམ་སུམ་བརྒྱ་ལྷག་མེད་ པ་བཟོས་ཡོད་པར་བརྟེན། རྒྱ་ནག་གི་ཤར་ཕྱོགས་ས་ཁུལ་ནང་གི་ཡེ་ཤུའི་ཆོས་དད་པ་རྣམས་ཀྱིས། བློ་འཚབ་ཆེན་པོའི་ངང་ནས་ Wenzhou ས་གནས་སུ་ཡོད་པའི་ཡེ་ཤུའི་ཆོས་ཁང་ཞིག་གི་ཐོག་ཏུ་ཡོད་པའི་ཡེ་ཤུའི་ཆོས་རྟགས་རྒྱ་གྲམ་དེ་མེད་པ་མི་བཟོ་བ་སྲུང་སྐྱོབ་བྱེད་ཐབས་སུ། ཚང་མས་ཡིད་གཟབ་བྱེད་ཀྱི་ཡོད་པ་དང་། རྒྱ་ནག་གཞུང་གིས་ཡེ་ཤུའི་ཆོས་དད་པ་རྣམས་ལ་དྲག་པོའི་གནོན་སྡོམ་བྱེད་པའི་བྱེད་སྒོ་དེ་དག་ནི། ལོ་ངོ་བཅུ་ཕྲག་གཅིག་གི་ནང་ཚབས་ཆེ་ཤོས་ཤིག་ཏུ་གྱུར་ཡོད་ལུགས་རྒྱ་རིགས་ཡེ་ཤུའི་ཆོས་དཔོན་ཚོས་འགྲེལ་བརྗོད་བྱེད་ཀྱི་ཡོད་པའི་ སྐོར་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་རྣམས་ བྱང་ཆུབ་སྒྲོལ་མས་ཕྱོགས་བསྒྲིགས་དང་སྙན་སགྲོན་ཞུས་པ་ཞིག་གསན་གྱི་རེད།

XS
SM
MD
LG