ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

ལྕོག་རི་དགོན་པའི་གནད་ཡོད་མི་སྣ་གཉིས་འཛིན་བཟུང་བྱས་འདུག


ཉེ་ཆར་ཁམས་ཏྲེ་ཧོར་ལྕོག་རི་དགོན་པའི་འདུ་ཁང་གི་ཚོམས་ཆེན་དུ་༧གོང་ས་མཆོག་གི་སྐུ་པར་སྒྲིག་བཤམས་དང་འབྲེལ་དུ་མཆོད་པའི་དད་རྫས་འབུལ་བ་རྒྱ་ཆེན་པོ་བྱས་ཏེ། དགོན་གྲོང་གཉིས་ཀྱི་སྐྱ་སེར་སྟོང་ཕྲག་མང་པོས་༧གོང་ས་མཆོག་གི་ཞབས་བརྟན་གསོལ་འདེབས་ཀྱི་སྨོན་ལམ་འཚོགས་ཡོད་པ་དང་། དེའི་རྗེས་ས་ཁུལ་འདིར་༧གོང་ས་མཆོག་གི་སྐུ་པར་བཀག་སྡོམ་དང་དམ་དྲག་གི་ཡིག་ཆ་བཀྲམ་ཡོད་ཅིང་། ཡང་ས་ཁུལ་འདིར་བརྡ་འཕྲིན་རྒྱུད་ལམ་ཡོངས་སུ་བཀག་སྡོམ་བྱས་ཡོད། ད་ལྟ་གནས་ཚུལ་ཐོན་པའི་ནང་ལྕོག་རི་དགོན་པའི་མཁན་པོ་དང་དགེ་བཤེས་གཅིག་བཅས་མི་སྣ་གཉིས་འཛིན་བཟུང་བྱས་ཡོད་འདུག

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG