ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཨུ་རུ་སུས་ཏུར་ཀི་ལ་དཔལ་འབྱོར་དང་ཚོང་ལས་ཀྱི་རྒོལ་ལན་སློག་རྒྱུ།


ཉེ་ཆར་ཨུ་རུ་སུའི་འཐབ་འཛིང་གནམ་གྲུ་ཞིག་ལ་ཏུར་ཀའི་གནམ་དམག་གིས་མེ་ཤུགས་འཕུར་མདའ་བརྒྱབ་ནས་གཏོར་རྒོལ་བྱས་པ་དང་། ཨུ་རུ་སུ་དང་ཏུར་ཀིར་གཉིས་ཀྱིས་དམག་འཁྲུག་རྒྱག་སྲིད་པའི་ཛ་དྲག་ཆེན་པོ་བྱུང་སྟེ། ཨ་མི་རི་ཀ་དང་ཡུ་རོབ་མཉམ་འབྲེལ་སོགས་ཀྱིས་ཨུ་རུ་སུ་དང་ཏུར་ཀི་གཉིས་ལ་འགལ་ཟླ་ཆེ་རུ་མི་གཏོང་བའི་ནན་བརྗོད་བྱས་ཡོད་ཅིང་། ཏུར་ཀི་རྒྱལ་ཁབ་ནི་ཨ་མི་རི་ཀས་འགོ་ཁྲིད་པའི་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་ཚོགས་འཐུས་རྒྱལ་ཁབ་ཅིག་ཡིན་པས། གལ་སྲིད་ཨུ་རུ་སུའི་དམག་གིས་ཏུར་ཀི་ལ་རྒོལ་ལན་སློག་ནས་དམག་འཁྲུག་ལངས་ཚེ། ཨ་མི་རི་ཀ་དང་དབྱིན་ཇི། འཇར་མན་ཎི་དང་ཧྥ་རན་སི་སོགས་ནུབ་ཕྱོགས་རྒྱལ་ཁབ་ཕལ་ཆེ་བ་ཏུར་ཀིའི་རྒྱབ་རྩར་ལངས་དགོས་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG