ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

རྒྱ་ནག་གིས་ཁ་བྲལ་གྱི་འཇིགས་སྐུལ་ལ་འཐབ་རྒོལ།


ཐེ་ལན་གྱི་ཉེན་རྟོག་པ་ཚོས་ཕྱི་ཟླ་༨་ཚེས་༡༧་ཉིན་རྒྱལ་ས་བྷན་ཁོཀ་གི་མི་ཚོགས་ཆེ་ས་དང་ཕྱི་རྒྱལ་གྱི་ཡུལ་སྐོར་སྤྲོ་འཆམ་པ་འཛོམས་ས། ཚོང་ཁང་མང་ས་དང་ཧིན་རྡུ་ཆོས་ལུགས་ཀྱི་ལྷ་ཁང་ཞིག་ཡོད་ས་དེར་འབར་མདེལ་གྱིས་གཏོར་རྒོལ་བྱས་ཏེ། མི་༢༠་ཐམ་པར་སྲོག་སྐྱོན་དང་མི་༡༠༠་ལྷག་ལ་རྨས་སྐྱོན་ཕོག་པ་འཇིགས་སྐུལ་རིང་ལུགས་ཀྱི་གཏོར་རྒོལ་ཞིག་ཡིན་ཞེས་ཁྱབ་བསྒྲགས་བྱེད་ཀྱི་མེད་ཅིང་། ཐེ་ལན་གྱི་ཉེན་རྟོག་པ་ཚོས་གཏོར་རྒོལ་དེར་འབྲེལ་བ་ཡོད་པའི་མི་གཉིས་འཛིན་བཟུང་བྱས་ཏེ། ཁོ་ཚོའི་ནང་གི་མི་གཅིག་རྒྱ་ནག་གི་པ་སི་འཁྱེར་པའི་ཞིན་ཅང་གི་ཡུ་གུར་པ་ཞིག་ཡིན་པ་དང་མི་གཞན་པ་དེ་རྒྱལ་ཁབ་གང་གི་མི་ཁོངས་ཡིན་མིན་ངོ་ཐག་ཆོད་མེད་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG