ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

བྱང་ཀོ་རི་ཡར་ཉེས་ཆད་འགེལ་མིན་ལ་ཨ་རི་དང་རྒྱ་ནག་བསམ་ཚུལ་མི་མཐུན་པ།


རེས་གཟའ་ཟླ་བའི་ཉིན་མོར་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཇོན་ཀེ་རི་ལྷོ་ཀོ་རི་ཡར་འཚམས་འདྲིར་ཕེབས་ཏེ། ཁོང་གིས་བྱང་ཀོ་རི་ཡར་ཉེས་ཆད་གསར་པ་འགེལ་ཕྱོགས་ལ་རྒྱ་ནག་གིས་རྒྱབ་སྐྱོར་བྱ་རྒྱུའི་བསམ་གཞིག་བྱེད་བཞིན་ཡོད་པའི་བརྡ་ཞིག་བཏང་རུང་། ཉམས་ཞིབ་པ་ཚོས་རྒྱ་ནག་གིས་བྱང་ཀོ་རི་ཡར་ཉེས་ཆད་འགལ་རྒྱུ་དང་ཀོ་རི་ཡའི་ཕྱེད་གླིང་དེ་ཉིད་བརྟན་ལྷིང་མེད་པར་གཏོང་བའི་རྒྱབ་སྐྱོར་ཞིག་བྱ་རྒྱུ་ཁག་པོ་རེད་ཅེས་དོགས་ཟོན་ཅན་གྱི་སྐད་ཆ་ཁག་ཅིག་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པར་བཤད་ཡོད་པ་རེད།

XS
SM
MD
LG