ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

༧གོང་ས་མཆོག་ཞོ་སྟོན་ལ་ཆིབས་སྒྱུར་བསྐྱངས་པ།


དེ་རིང་བཞུགས་སྒར་དུ་ཞོ་སྟོན་རྒྱས་པ་ཐེངས་ ༢༠ པ་དེ་དབུ་འཛུགས་གནང་ཡོད་པ་དང་། བོད་ཀྱི་ཟློས་གར་ཚོགས་པས་ཇི་ལྟར་སྔོན་ནས་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་ཐོབ་སྟེ་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཞོ་སྟོན་གྱི་མཛད་སྒོར་ཞབས་སོར་འཁོད་པའི་སྐབས་ ལྷ་མོའི་ཚོགས་པ་ཁག་ནས་བཀྲ་ཤིས་ཞོལ་པ་འཁྲབ་སྟོན་སོགས་ཀྱི་ཐོག་ནས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པ་དང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་གིས་དབུས་པའི་གཞུང་གི་མཛད་གཙོ་རྣམ་པ་དང་ཕྱི་རྒྱལ་བ་དང་བཞུགས་སྒར་ཁུལ་གྱི་མི་མང་སོགས་ཁྱོན་མི་གྲངས་བཞི་སྟོང་བརྒལ་བ་འདུ་འཛོམས་གནང་ཡོད་པ་རེད། དེའི་སྐོར་ང་ཚོའི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་ཞིབ་ཕྲའི་གནས་ཚུལ་བཏང་བ་ཞིག་གསན་རོགས་གནང་།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG