ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ཧྭན་ནོའི་ནང་ཤིང་སྡོང་གཅོད་འབྲེག་གི་བྱ་སྤྱོད་ལ་ངོ་རྒོལ་གྱི་རྣམ་པ་བསྟན་ཡོད་པ།


ཝིཌ་ནམ་གྱི་རྒྱལ་ས་ཧྭན་ནོའི་ནང་། ཤིང་སྡོང་སྟོང་ཕྲག་མང་པོ་གཅོད་ འབྲེག་བྱ་རྒྱུའི་ལས་འཆར་ཞིག་གིས། གྲོང་ཁྱེར་དེ་ཡོངས་ཁྱབ་ཀྱི་གྲོང་མི་རྣམས་ ལ་བློ་ཕམ་དང་ཁོང་ཁྲོ་ཆེན་པོ་བསླངས་ཡོད་པར་བརྟེན། མང་པོས་སྤྱི་ཚོགས་ འབྲེལ་མཐུད་ཀྱི་དྲ་རྒྱ་ཁག་གི་ནང་ངོ་རྒོལ་གྱི་རྩོམ་སྒྲིག་བྱེད་ཀྱི་ཡོད་པ་མ་ཟད། གཞན་མང་པོས་རྒྱལ་སའི་ས་ཁུལ་ཡོངས་ཁྱབ་ཏུ་ངོ་རྒོལ་གྱི་རྣམ་པ་མཚོན་ པའི་ལས་འགུལ་སྣ་ཚོགས་ཤིག་སྤེལ་གྱི་ཡོད་པ་རེད།

XS
SM
MD
LG