ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ཐེ་ཝན་གྱི་སློབ་ཕྲུག་རྣམས་ཀྱིས་ངོ་རྒོལ་གྱི་ལས་འགུལ་སྤེལ་ཏེ་ལོ་གཅིག་འཁོར་བར་དྲན་གསོ་བྱས་ཡོད་པ་


Protesters carrying yellow umbrellas, the symbol of the Occupy movement, march on a street in Hong Kong, Feb. 1, 2015.
Protesters carrying yellow umbrellas, the symbol of the Occupy movement, march on a street in Hong Kong, Feb. 1, 2015.

༄༅།། ། རེས་གཟའ་ཉི་མའི་ཕྱི་དྲོ་ ཐེ་ཝན་གྱི་གཙུག་ལག་སློབ་གྲྭ་ཆེ་མོའི་སློབ་ཕྲུག་སུམ་བརྒྱ་སྐོར་ཞིག་གིས་ གྲོས་ཚོགས་ཀྱི་ཚོགས་ཁང་གི་ཕྱི་ཕྱོགས་སུ་འདུ་འཛོམས་བྱས་ཏེ་ སྔ་ལོའི་གཞི་རྒྱ་ཆེ་བའི་ངོ་རྒོལ་གྱི་ལས་འགུལ་ལ་དྲན་གསོ་བྱ་རྒྱུའི་ཆེད་དུ་ དུས་ཡུན་ཆུ་ཚོད་༣༡རིང་རྔམ་སྟོན་གྱི་ལས་འགུལ་སྤེལ་རྒྱུ་འགོ་འཛུགས་བྱས་ཡོད་པ་རེད་ དེ་ཡང་ བར་ལམ་ཐེ་ཝན་གཞུང་གིས་ རྒྱ་ནག་སྐམ་ས་དང་ཚོང་འབྲེལ་བྱེད་ཤུགས་ཆེ་རུ་གཏོང་བཞིན་པའི་ཐད་ ཐེ་ཝན་གྱི་ཡུལ་མི་མང་ཚོགས་ཀྱིས་བློ་འཚབ་ཆེན་པོ་བྱེད་ཀྱི་ཡོད་ཅིང་ སྔ་ལོ་ སློབ་ཕྲུག་གིས་སྣེ་ཁྲིད་བྱས་ཏེ་ཐེ་ཝན་གྱི་ཡུལ་མི་རྣམས་ཀྱིས་གྲོས་ཚོགས་ཀྱི་ཚོགས་ཁང་བཙན་བཟུང་བྱས་ཏེ་ ཕྱིན་འབྱུང་རྒྱ་ནག་སྐམ་ས་དང་ཚོང་དོན་གྱི་གྲོས་མཐུན་འཇོག་ཕྱོགས་ཀྱི་ཐད་ཁྲིམས་གཞི་གསར་པ་ཞིག་གཏན་འབེབས་བྱེད་དགོས་པའི་དགོས་འདུན་བཏོན་ཡོད་པ་རེད་ ཉི་མ་མེ་ཏོག་ལས་འགུལ་ཞེས་པའི་སློབ་ཕྲུག་གི་ལས་འགུལ་དེ་ ཕྱི་ཟླ་གསུམ་པའི་ཚེས་༡༨ནས་དུས་ཡུན་ཉིན་གྲངས་ཉི་ཤུ་རྩ་བཞིའི་རིིང་སྤེལ་ཡོད་པ་དང་ ལས་འགུལ་དེ་ལ་མཐར་ཐེ་ཝན་གཞུང་གིས་དྲག་གནོན་བྱས་ཏེ་ སློབ་ཕྲུག་བརྒྱ་ཕྲག་མང་པོར་རྨས་སྐྱོན་བྱུང་ཡོད་ཅིང་ ད་རིང་གཟའ་ཟླ་བའི་མཚན་མོ་ སློབ་ཕྲུག་རྣམས་ཀྱིས་ སྔ་ལོ་ལས་འགུལ་སྤེལ་ས་དེ་ཁུལ་དུ་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་ཞིག་སྤེལ་རྒྱུའི་གྲ་སྒྲིག་བྱེད་ཀྱི་ཡོད་པ་རེད་

XS
SM
MD
LG