ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་ནག་གི་སྣེ་ཁྲིད་པའི་དངུལ་ཁང་ནང་མཉམ་ཞུགས་མ་བྱས་གོང་བསམ་བློ་གཏོང་དགོས་པ་ཨ་རིས་ནན་སྐུལ།


རྒྱ་ནག་གི་སྣེ་ཁྲིད་བྱས་པའི་ཨེ་ཤི་ཡའི་ཡར་རྒྱས་དངུལ་ཁང་ནང་དབྱིན་ཡུལ་མཉམ་ཞུགས་བྱ་རྒྱུའི་སྐོར་བརྗོད་པའི་རྗེས་ ཇར་མི་ནི་དང་ ཕ་རནས་དེ་བཞིན་ཨི་ཀྲ་ལིས་ཀྱང་མཉམ་ཞུགས་བྱ་རྒྱུ་ཡིན་པ་བརྗོད་པའི་རྗེས་ ཨ་མི་རི་ཀས་དངུལ་ཁང་དེ་ནི་འཛམ་གླིང་དངུལ་ཁང་གི་འགྲན་ཟླ་ཞིག་ཡིན་པར་ངོས་འཛིན་བྱེད་པ་དེའི་ནང་ རང་གི་མཐུན་ཕྱོགས་ཡུལ་ཁག་རྣམས་མཉམ་ཞུགས་མ་བྱས་གོང་ བསམ་བློ་བསྐྱར་དུ་གཏོང་དགོས་ལུགས་ནན་སྐུལ་བྱས་ཡོད་པ་དང་ རྒྱ་ནག་གིས་ ཕྱི་ཕྱོགས་སུ་འབྲེལ་བ་འཛུགས་རྒྱུའི་དཔལ་འབྱོར་གྱི་ལས་འཆར་དེའི་ནང་ཨ་མི་རི་ཀའི་མཐུན་ཕྱོགས་རྒྱལ་ཁབ་ཁག་མཉམ་བཞུགས་བྱ་རྒྱུའི་འདུན་པ་ཡོད་པས་དེ་ནི་ ཨ་མི་རི་ཀའི་ཕྱི་འབྲེལ་ཐབས་བྱུས་དང་དཔལ་འབྱོར་མྱུར་པོས་འཕེལ་རྒྱས་འགྲོ་བའི་རྒྱ་ནག་གི་ཕྱི་འབྲེལ་ཤུགས་རྐྱེན་ལ་ཁ་གཏད་གཅོག་རྒྱུའི་འབད་བརྩོན་ལ་བྱུས་ཉེས་ཤིག་ཡིན་པ་སོགས་ གསར་ལམ་ཁག་ནང་ཐོན་པའི་གནས་ཚུལ་ཁག་ནམ་མཁའ་བསྟན་འཛིན་གྱིས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་གི་རེད།

XS
SM
MD
LG