ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༤/༡༧

བོད་པ་ཚོས་བྱེད་མི་ཆོག་པའི་དོན་ཚན་༢༠ ཁྱབ་བསྒྲགས།


བོད་མདོ་སྨད་རེབ་གོང་ཁུལ་དུ་རྒྱ་ནག་གཞུང་གིས་བོད་པ་ཚོས་བྱེད་མི་ཆོག་པའི་དོན་ཚན་མང་པོ་ཞིག་གསལ་བསྒྲགས་བྱས་ཡོད་ཅིང་། དོིན་ཚན་དེ་དག་གི་གྲས་སུ་བོད་ཀྱི་སྲོལ་རྒྱུན་ཆོས་ལུགས་ཀྱི་བྱེད་སྒོ་ཁག་དང་དེང་དུས་ཀྱི་ཁོར་ཡུག སྐད་ཡིག་སྲུང་སྐྱོབ་ཀྱི་བྱ་བ་ཁག་ཁྲིམས་འགལ་དུ་བརྩི་ཆོག་ཆོག་ཡོད་པའི་རྣམ་པ་མངོན་པ་མ་ཟད། བཙན་བྱོལ་སྤྱི་ཚོགས་ཀྱི་གསར་འགྱུར་ཞིག་ལ་རྒྱ་གཞུང་གི་ཡིག་ཆ་དེའི་ནང་དོན་བཀོད་པ་ལྟར་ན། ཁོར་ཡུག་སྲུང་སྐྱོབ་དང་སྐད་ཡིག་སྲུང་སྐྱོབ་ཀྱི་ལས་དོན། དེ་བཞིན་རང་ལུས་མེར་སྲེག་གཏོང་མཁན་ཚོའི་ཆེད་དུ་མཆོད་འབུལ་སྨོན་ལམ་སོགས་ཁ་ལ་འཁྱེར་ནས་བོད་རང་བཙན་གྱི་ལས་འགུལ་སྤེལ་མི་ཆོག་ཅེས་བཀོད་ཡོད་པ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG