ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

རྒྱ་ནག་གིས་ལོ་ན་༨༡ལ་སོན་པ་ཞིག་ལ་ལོ་གཉིས་དང་ཕྱེད་ཀའི་རིང་བཙོན་འཇུག


རྒྱ་ནག་གི་ཁྲིམས་ཁང་ཞིག་གིས་ རེས་གཟའ་ལྷག་པའི་ཉིན་རྒྱ་ནག་གཞུང་དང་ཆབ་སྲིད་ཀྱི་ཐད་ལྟ་སྤྱོད་མི་མཐུན་མཁན་ལོ་ན་༨༡ལ་སོན་པ་ཞིག་ལ་གཞུང་གཉེར་དྲིལ་སྒྲག་ལས་དོན་ལྷན་ཁང་གི་འགན་འཛིན་ལ་སྐྱོན་བརྗོད་ཀྱི་རྩོམ་ཡིག་དཔར་བསྐྲུན་བྱས་པ་ལ་བརྟེན་ནས་ ལོ་གཉིས་དང་ཕྱེད་ཀའི་རིང་བཙོན་འཇུག་བྱ་རྒྱུའི་བཅད་ཕྲ་བཏང་ཡོད་ཀྱང་ གལ་ཏེ་ཁོང་གིས་ཁྲིམས་འགལ་གྱི་བྱ་སྤྱོད་རིགས་མ་བྱས་པ་ཡིན་ན་ ལོ་བཞིའི་རིང་བཙོན་འཇུག་གི་ཉེས་ཆད་དུས་འགྱངས་བྱ་རྒྱུ་ཡིན་པའི་འགྲེལ་བརྗོད་བྱས་ཡོད་ཅིང་ གོང་ཞུས་ཁྲིམས་ཁང་གིས་རྩོམ་པ་པོ་Huang Zerong ལ་ཁྲིམས་འགལ་གྱི་ཚོང་ལས་གཉེར་ཡོད་ཚུལ་སྐྱོན་འཛུགས་བྱས་ཡོད་པ་དང་ ད་རེས་རྩོམ་པ་པོ་ Zerongལ་ཉེས་འཛུགས་བྱས་པ་དེ་ནི་རྒྱ་ནག་གཞུང་གིས་ རང་དང་ཆབ་སྲིད་ཀྱི་ཐད་ལྟ་སྤྱོད་མི་མཐུན་མཁན་རྣམས་དང་ དྲ་རྒྱ་ དེ་བཞིན་གསར་འགྱུར་ལས་རིགས་ཁག་སོགས་ལ་དམ་བསྒྲག་བྱེད་ཤུགས་ཆེ་རུ་བཏང་བའི་དཔེ་མཚོན་ཞིག་ཡིན་ལུགས་གོང་ཞུས་རྩོམ་པ་པོ་Zerongགི་ཁྲིམས་རྩོད་པས་བརྗོད་ཡོད་པ་རེད།

XS
SM
MD
LG