ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༡༨

རྒྱ་གར་གྱིས་ཕྱི་ལ་བརྟེན་མི་དགོས་པར་རྒྱལ་ནང་དུ་གོ་མཚོན་བཟོ་རྒྱུ་ཡིན་པ།


རྒྱ་གར་གྱི་སྲིད་བློན་ན་རེན་ཌྲ་ མོ་དྷིས་རྒྱ་གར་གྱིས་ཕྱི་ནས་གོ་ལག་ནང་འདྲེན་གྱི་ཚོང་ལས་ལ་བརྟེན་དྲགས་པའི་གནས་སྟངས་ལ་འགྱུར་བ་བཏང་སྟེ་རྒྱལ་ནང་དུ་གོ་མཚོན་བཟོ་འདོན་གྱི་བཟོ་གྲྭ་སོགས་འཛུགས་རྒྱུའི་ཁོར་ཡུག་བསྐྲུན་རྒྱུར་གཞུང་གིས་རོགས་རམ་གནང་རྒྱུའི་ཁས་ལེན་བྱ་འདུག་པ་དང་། གཟའ་འཁོར་སྔོན་མར་སྲིད་བློན་མོ་དྷི་མཆོག་གིས་གོ་ལག་བཟོ་བསྐྲུན་བྱེད་མཁན་བཟོ་གྲྭ་ཚོར་ཁྲལ་བབས་ཆག་ཡང་གཏོང་རྒྱུས་མཚོན་པའི་ལས་ཀ་བྱེད་ཐུབ་པའི་ཁོར་ཡུག་བསྐྲུན་རྒྱུའི་ཁས་ལེན་གནང་བ་མ་ཟད། ཕྱི་རྒྱལ་གྱི་གོ་མཚོན་བཟོ་གྲ་ཚོར་རྒྱ་གར་ལ་གོ་ལག་བཙོང་རྒྱུ་ཙམ་མིན་པར་ཐབས་བྱུས་མཉམ་འབྲེལ་བྱེད་ཀྱི་ཡིན་ཞེས་གསུངས་ཡོད་པ་རེད། སྲིད་བློན་ན་རན་ཌྲ་ མོ་དྷིས་དེ་ལྟར་གསལ་བསྒྲགས་གནང་བའི་རྗེས་རྒྱ་གར་གྱི་བཟོ་ཚོང་ཁང་དང་ཕྱི་ནས་མ་རྩ་འཛུགས་མཁན་སོགས་ལ་རྒྱ་གར་ནང་གོ་མཚོན་བཟོ་གྲ་འཛུགས་རྒྱུར་དོ་སྣང་དང་སེམས་འཁུར་གསར་པ་ཞིག་བྱུང་ཡོད་པ་དང་། རྒྱ་གར་གྱི་སྲིད་བློན་ན་རེན་ཌྲ་ མོ་དྷི་མཆོག་གིས་རྒྱ་གར་གྱི་རྒྱ་སྲུང་དང་འབྲེལ་བའི་བཟོ་ལས་ཐད་དུས་རབས་གསར་པ་ཞིག་བཟོ་ཐུབ་རྒྱུའི་འཆར་འགོད་གནང་གི་ཡོད་པ་དང་། རྒྱ་གར་ནང་བཟོ་བསྐྲུན་བྱེད་ཅེས་པའི་ལས་འཆར་དེའི་ནང་སྒེར་གྱི་གོ་ལག་བཟོ་ཚོང་ཁང་རྣམས་རྨང་གཞི་བཟོ་རྒྱུར་དགོངས་པ་བཞེས་ཀྱི་ཡོད་ཅེས་གསུངས་འདུག

XS
SM
MD
LG