ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༡༦

ཚེ་རིང་སྐྱིད་པོ་གློད་གྲོལ་བཏང་འདུག


༢༠༡༡ ལོའི་ཕྱི་ཟླ་༣་པའི་ཚེས་༦ཉིན་ ཁམས་རྫ་ཁོག་ཏུ་བློ་བཟང་ཐུབ་བསྟན་དང་ཚེ་རིང་སྐྱིད་པོ། བྱམས་པ་དངོས་གྲུབ་བཅས་བོད་མི་གསུམ་གྱིས། ༼་བོད་ལ་རང་དབང་དགོས༽དང་། ༼༧གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས་༽ཞེས་རང་རང་་གི་མིང་དངོས་སུ་བྲིས་ཏེ་སྦྱར་ཡིག་བཀྲམ་པར་བརྟེན་རྒྱ་ནག་གཞུང་གིས་འཛིན་བཟུང་བྱེད་དགོས་པའི་བཀའ་རྒྱ་བཏང་བས། དེ་ནས་བཟུང་ཁོང་ཚོ་རིའི་སྒང་དུ་བྲོས་བྱོལ་དང་འགབ་ཡིབས་བྱེད་དགོས་བྱུང་འདུག ཡིན་ན་ཡང་སྤྱི་ལོ་༢༠༡༢ལོར་ཁོང་ཚོའི་ཁྲོད་ནས་ཚེ་རིང་སྐྱིད་པོ་ལགས་དབྱར་རྩྭ་དགུན་འབུ་བརྐོ་ས་ཞིག་ཏུ་འཛིན་བཟུང་བྱས་ཏེ་ལོ་བཞི་བཙོན་འཇུག་ཁྲིམས་ཐག་བཅད་པ་དང་། བཙོན་ཁང་དུ་ལས་ཀའི་སྐར་མ་མཐོ་ཙམ་བླངས་པས་ལོ་གཅིག་སྔ་སྣུར་གྱིས་ཁ་སང་ཚེས་ལྔ་ཉིན་ཁོང་གློད་གྲོལ་བྱུང་སྟེ་ཕྱིར་རང་ཁྱིམ་དུ་འབྱོར་ཡོད་འདུག དེ་བཞིན་སྤྱི་ལོ་༢༠༡༣ལོར་ཁོང་ཚོའི་ཁྲོད་ཀྱི་བློ་བཟང་ཐུབ་བསྟན་ལགས་རྒྱ་གར་དུ་སྐྱབས་བཅོལ་དུ་འབྱོར་ཡོད་ཀྱང་འདས་པའི་ལོ་ངོ་ལྔ་ལྷག་གི་རིང་ལ་ཁོ་ཚོའི་ཁྲོད་ཀྱི་བྱམས་པ་དངོས་གྲུབ་ལགས་གར་སོང་ཆ་མེད་དུ་གྱུར་ཏེ་ད་དུང་ཡང་གནས་ཚུལ་གང་ཡང་ཤེས་རྟོགས་མ་ཐུབ་པར་གནས་ཡོད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG