ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

༧གོང་ས་མཆོག་དང་ཨོ་བྷ་མ་རྣམ་གཉིས་མི་མང་གི་ཁྲོད་དུ་མཇལ་འཕྲད་ཐེངས་དང་པོ་གནང་སྲིད་པ།


ཟླ་བ་རྗེས་མའི་འགོ་སྟོད་དུ་ཨ་རིའི་རྒྱལ་ས་ལྦ་ཤོན་ཊོན་གྱི་ནང་། ལྷན་འཛོམས་གལ་ཆེན་ཞིག་ཚོགས་འཆར་ཡོད་པ་འདིར། བོད་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་ཨ་རིའི་སྲིད་འཛིན་བྷ་རག་ ཨོ་བྷ་མ་གཉིས་ཀྱིས་དབུ་བཞུགས་གནང་སྲིད་པའི་ཚོད་དཔག་བྱེད་མཁན་མང་པོ་ཡོད་ཅིང་། དེ་ཡང་། ཟླ་བ་༢་པའི་ཚེས་༥ཉིན། ༧གོང་ས་མཆོག་དང་ཨོ་བྷ་མ་རྣམ་གཉིས་རྒྱལ་ས་ཝ་ཤིན་ཊོན་ནང་འཚོག་འཆར་ཡོད་པའི་ རྒྱལ་ཡོངས་སྨོན་ལམ་གསོལ་འདེབས་དང་འབྲེལ་བའི་སྔ་དྲོའི་གསོལ་ཚིགས་༼national prayer breakfast༽ ཞེས་པའི་ལྷན་ཚོགས་ལ་དབུ་བཞུགས་གནང་རྒྱུ་ཡིན་པའི་གནས་ཚུལ་ཐོན་འདུག གལ་ཏེ། སྲིད་འཛིན་ཨོ་བྷ་མ་མཆོག་ལྷན་འཛོམས་འདིར་དངོས་སུ་ལྷན་ཞུགས་གནང་བ་ཡིན་ན། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་ཨ་རིའི་སྲིད་འཛིན་རྣམ་པ་གཉིས་མི་མང་གི་ཁྲོད་དུ་མཇལ་འཕྲད་གནང་བ་ཐེངས་དང་པོ་དེ་ཆགས་རྒྱུ་ཡིན་པ་རེད། ལྷན་འཛོམས་འདི་༡༩༥༣ ལོ་ནས་འགོ་ཚུགས་པ་དང་། དུས་དེ་ནས་བཟུང་ཨ་རིའི་རྒྱལ་སའི་ནང་ཚོགས་སྲོལ་ཡོད་པ་དང་། ལོ་ལྟར་ལྷན་འཛོམས་འདིར་རྒྱལ་སྤྱིའི་རྒྱལ་ཁབ་ཁྱོན་༡༠༠ ལྷག་ནས་ཕེབས་པའི་སྐུ་མགྲོན་གཙོས་པའི་རྒྱལ་ནང་དང་རྒྱལ་སྤྱིའི་ཆབ་སྲིད་དང་དཔལ་འབྱོར་ ཆོས་ཕྱོགས་སོགས་ཀྱི་གནད་ཡོད་མི་སྣ་ཁྱོན་༣༥༠༠ ཙམ་ལྷན་ཞུགས་གནང་སྲོལ་ཡོད་པ་རེད།

XS
SM
MD
LG