ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

སྲིད་འཛིན་ཨོ་བྷ་མས་རྒྱ་གར་མང་གཙོའི་ཉིན་མོའི་མཛད་སྒོར་ཕེབས་པ།


སྲིད་འཛིན་བྷ་རག་ ཨོ་བྷ་མས་རྒྱ་གར་མང་གཙོའི་ཉིན་མོའི་མཛད་སྟོན་གྱི་སྐུ་མགྲོན་གཙོ་བོར་ཕེབས་ནས་རྒྱ་གར་གྱི་དམག་དོན་དང་རིག་གཞུང་། ཆས་གོས་སོགས་ངོ་མཚར་ཆེ་བའི་བཀྲམ་སྟོན་ལ་གཟིགས་ཞིབ་གནང་འདུག་པ་དང་། སྲིད་འཛིན་ཨོ་བྷ་མས་ རྒྱ་གར་གྱི་མང་གཙོའི་ཉིན་མོ་སྲུང་རྩིས་ལ་ཨ་རིའི་སྲིད་འཛིན་ཐེངས་དང་པོར་ཕེབས་ཐུབ་པར་དགའ་གུས་ཆེན་པོ་བྱུང་་བ་དང་། རྒྱ་གར་གྱི་མང་གཙོའི་ཉིན་མོ་སྲུང་རྩིས་ཉིན་མོར་རྒྱ་གར་མི་མང་ལ་འཚམས་འདྲི་གནང་བ་དང་ཆབས་ཅིག དཀའ་སྡུག་ལ་གདོང་ལེན་གནང་ནས་རྒྱ་གར་རྒྱལ་ཁབ་རྩ་འཛུགས་གནང་མཁན་མི་རབས་གོང་མ་རྣམས་ལ་གུས་བསྐུར་ཞུ་ཡི་ཡོད་ཅེས་གསུངས་འདུག རེས་གཟའ་ཉི་མའི་ཉིན་རྒྱལ་ཁབ་གཉིས་ཀྱི་དབུ་ཁྲིད་རྣམ་གཉིས་ཀྱི་ཞི་བའི་ལས་དོན་ཆེད་རྡུལ་ཕྲན་གྲོས་མཐུན་ལག་ལེན་བསྟར་ཕྱོགས་ལ་འགལ་ཟླའི་གནད་དོན་རྣམས་སེལ་ཏེ། གྲོས་མཐུན་ལག་བསྟར་གནང་རྒྱུར་མོས་མཐུན་བྱུང་ཡོད་པ་དང་། སྲིད་འཛིན་ཨོ་བྷ་མས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་གནས་བབས་གསར་པ་ཞིག་སླེབས་ཡོད་ཅེས་གསུངས་ཡོད་པ་རེད། རེས་གཟའ་ཟླ་བའི་ཕྱི་དྲོ་སྲིད་འཛིན་ཨོ་བྷ་མས་རྒྱ་ག་དང་ཨ་རིའི་ཚོང་འབྲེལ་མི་སྣ་ཚོར་གསུང་བཤད་གནང་ཡོད་པ་དང་། སང་ཉིན་དབུ་ཁྲིད་རྣམ་གཉིས་ཀྱིས་རླུང་འཕྲིན་བརྒྱུད་རྒྱ་གར་མི་མང་ལ་གསུང་བཤད་གནང་རྒྱུ་ཡིན་པ་རེད།

XS
SM
MD
LG