ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཕྱི་ལོ་༢༠༡༤ལོའི་ནང་གསར་འགོད་པ་རྣམས་ལ་དྲག་གནོན་བྱས་པའི་གནས་ཚུལ་ཕྱོགས་བསྡོམས།


རྒྱལ་མཚམས་མེད་པའི་གསར་འགོད་པའི་མཐུན་ཚོཊ་ཀྱིས། རྒྱལ་སྤྱིའི་ཁྲོད་དུ་ཕྱི་ལོ་༢༠༡༤ལོའི་ནང་གསར་འགོད་པ་རྣམས་ལ་སྡུག་སྦྱོང་མནར་སྤྱོད་བཏང་པའི་གནས་ཚུལ་ཕྱོགས་བསྡོམས་བྱས་པའི་ནང་དོན་ལ་གཞིགས་ན། འདི་ལོའི་ནང་གསར་འགོད་པ་དམར་བསད་བཏང་པའི་གནས་ཚུལ་༦༦ བྱུང་ཡོད་པར་བརྟེན། འདས་པའི་ལོ་ངོ་བཅུའི་རིང་གསར་འགོད་ཀྱི་ལས་རིགས་དང་འབྲེལ་ཏེ་གསར་འགོད་པ་སྲོག་སྐྱོན་བྱུང་པའི་གྲངས་འབོར་་༧༢༠ལ་འཕར་ཡོད་པ་དང་།འདི་ལོའི་ནང་གསར་འགོད་པ་བཙན་འཁྲིད་བྱས་པ་ཁྱོན་བསྡོམས་ ༡༡༩ ཙམ་བྱུང་ཡོད་པ་དེ་ནི། སྔ་ལོའི་བཙན་ཁྲིད་ཀྱི་གནས་ཚུལ་དང་བསྡུར་ན། བརྒྱ་ཆ་༣༥ ལྷག་མང་དུ་སོང་པ་ཞིག་ཆགས་ཀྱི་ཡོད་ཅིང་། ད་ལྟའི་སྐབས་འདིར། གསར་འགོད་པ་བཞི་བཅུ་བཙན་ཉར་བྱེད་བཞིན་ཡོད་པ་རེད།

XS
SM
MD
LG