ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

བླ་བྲང་ཨ་མཆོག་ཏུ་རང་སྲེག་ངོ་རྒོལ།


བོད་ཟླ་༡༠་ཚེས་༢༥་ཉིན་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཉེ་འཁོར་དུ་ཡོད་པའི་ཨ་མཆོག་ཡུལ་ཚོའི་ཉེན་རྟོག་ཁང་གི་སྒོ་འགྲམ་དུ་ས་གནས་ཀྱི་ཞོགས་པའི་ཆུ་ཚོད་༩་ཡས་མས་ཤིག་ལ་རང་ལོ་༣༤་ལ་སོན་པའི་བོད་པ་སངས་རྒྱས་མཁར་ཞེས་པ་ཞིག་གིས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོོལ་བྱས་ནས་འདས་གྲོངས་སུ་གྱུར་འདུག་ཅིང་། གནས་ཚུལ་ཐོན་གསལ་ལྟར་ན་ཨ་མཆོག་གི་རང་ལུས་མེར་སྲེག་གི་དོན་རྐྱེན་དེ་གསང་བ་ལྐོག་གྱུར་ལྟ་བུ་ཞིག་ལ་གྱུར་ཡོད་པ་སྟེ། ས་གནས་ཀྱི་ཉེན་རྟོག་པ་དང་བདེ་འཇགས་མི་སྣས་ངོ་རྒོལ་བྱ་ཡུལ་ལ་འཕྲལ་དུ་གཙང་སྦྲ་བྱས་ནས་དོན་རྐྱེན་གང་ཡང་མ་བྱུང་བ་ལྟའི་རྣམ་པ་སྟོན་ཐབས་་ཡོད་པ་མ་ཟད། ཨ་མཆོག་ཡུལ་ཚོའི་མི་མང་གིས་རང་སྲེག་པ་འདས་པོ་དེའི་ཕུང་པོ་གང་དུ་འཁྱེར་ཡོད་མེད་ཀྱང་ཤེས་རྟོགས་ཐུབ་མེད་པ་དང་། རྒྱ་གཞུང་གིས་ས་གནས་དེར་གནས་ཚུལ་ཁྱབ་བརྡལ་འགྲོ་སྲིད་པ་བཀག་འགོག་དང་འཛེམ་ཟོན་ནན་པོ་བྱེད་བཞིན་ཡོད་འདུག་ལ། ད་རིང་གི་རངསྲེག་ངོ་རྒོལ་དེ་བོད་ནང་དུ་རང་ལུས་མེར་བསྲེགས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་པའི་ལས་འགུལ་ཞིག་ལངས་ནས་་ལོ་ལྔ་པ་དེ་འགྲོ་བཞིན་ཡོད་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG