ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

ལྷོ་རྒྱ་ནག་རྒྱ་མཚོའི་ཁུལ་དུ་ཞི་བདེ་བསྐྲུན་ཐབས་སུ་ཝི་ཏི་ནམ་གྱིས་འགྲིགས་འཇགས་བྱས་པ།


ལྷོ་རྒྱ་ནག་རྒྱ་མཚོའི་དཀའ་རྙོག་སེལ་ཐབས་སུ་ཕྷི་ལི་པིན་གྱིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ལ། ཞུ་གཏུགས་བྱས་ཏེ་འགྲིགས་འཇགས་ཡོང་བའི་འབོད་སྐུལ་ཞུས་པ་དེར། རྒྱ་ནག་གིས་ཁས་ལེན་བྱས་མིན་ལ་མ་ལྟོས་པར། ཝི་ཏི་ནམ་གྱིས་ ཕྷི་ལི་པིན་གྱི་ལང་ཕྱོགས་ལ་རྒྱབ་སྐྱོར་བྱས་པར་ ཕྷི་ལི་པིན་གྱིས་དགའ་བསུ་ཞུས་ཡོད་པ་དང་། འོན་ཀྱང་རྒྱ་ནག་གིས་ཝི་ཏི་ནམ་ལ་རྒྱ་ནག་གི་ས་ཁོངས་བདག་དབང་ལ་བརྩི་བཀུར་ཞུ་དགོས་པའི་འགྲེལ་བརྗོད་བྱས་པ་དང་འབྲེལ་ གནད་དོན་དེའི་ཐད་འགྲིགས་འཇགས་ཡོང་རྒྱུར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཐེ་གཏོགས་བྱ་རྒྱུར་རྒྱ་ནག་གིས་ཁས་ལེན་གཏན་ནས་བྱེད་ཀྱི་མེད་པ་རེད།

XS
SM
MD
LG