ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་ནག་གི་དབང་བསྒྱུར་འོག་བོད་མིར་རང་དབང་མེད་ཅེས་བརྗོད་འདུག


ཨ་རིའི་གཞུང་གི་བོད་དོན་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་ལྕམ་སཱ་རཱ་སི་ཝལ་མཆོག་རྒྱ་གར་དང་བལ་ཡུལ་དུ་ཕེབས་ཏེ། བཙན་བྱོལ་སྐྱབས་བཅོལ་བོད་མིའི་སྤྱི་ཚོགས་ལ་གཟིགས་སྐོར་དང་། བོད་ནས་གསར་དུ་འབྱོར་བའི་བོད་མི་ཚོའི་ས་ནས་བོད་ནང་གི་བོད་མིའི་དཀའ་སྡུག་ལ་ཉན་ཞིབ་གནང་བའི་རྗེས། ཚུར་ཨ་མེ་རི་ཀའི་ནང་དུ་ཕེབས་ཏེ་གསར་འགོད་ལྷན་ཚོགས་ཤིག་འཚོགས་ཡོད་པའི་སར། རྒྱ་ནག་གི་དབང་བསྒྱུར་འོག་ཏུ་བོད་མི་ཚོས་རང་དབང་ཟེར་བ་ལོངས་སྤྱོད་བྱེད་ཐུབ་ཀྱི་མེད་པ་དང་། འདི་ནི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་སྒྲིག་གཞི་དང་འགལ་ཡོད་པར་ངོས་འཛིན་བྱེད་བཞིན་ཡོད་ཅེས་དང་། ཡང་བོད་ནང་ནས་གསར་དུ་སྐྱབས་བཅོལ་ལ་འབྱོར་བ་ཚོས་བོད་ནང་གི་བོད་མིའི་གནས་སྟངས་ངོ་སྤྲོད་ཞུས་པ་རྣམས་དང་ཨ་མེ་རི་ཀའི་ཕྱི་སྲིད་ལྷན་ཁང་གི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོ་གཉིས་གཅིག་མཚུངས་རེད་འདུག་ཅེས་ཀྱང་བརྗོད་འདུག ཡང་ཨ་མེ་རི་ཀའི་ངོས་ནས་བོད་ཀྱི་གནད་དོན་དེ་ཞི་བའི་གྲོས་མོལ་བརྒྱུད་དེ་སེལ་དགོས་ཤིང་བོད་མིའི་རིག་གནས་དང་འདུ་ཤེས། ངོ་བོ་སོགས་སྲུང་སྐྱོབ་བྱ་རྒྱུར་ཨ་རིས་སྲིད་ཇུས་རྒྱུན་འཛིན་དང་བརྟན་པོ་ཡོད་པ་ཐེངས་འདིར་རྒྱ་ནག་ལ་གོ་བརྡ་ཡག་པོ་་ཞིག་སྤྲད་ཡོད་པ་མ་ཟད་བོད་མི་ཚོས་ཀྱང་དེ་ལྟར་ངོས་འཛིན་བྱེད་བཞིན་ཡོད་པ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བུ་ཆུང་ཚེ་རིང་ལགས་ཀྱིས་བརྗོད་བྱུང་།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG