ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

རང་ལུས་མེར་བསྲེགས་ཀྱི་དེབ།


བོད་མི་མང་མདོ་སྟོད་སྤྱི་འཐུས་འཇམ་དབྱངས་བཟོད་པ་ལགས་ཀྱིས། བོད་ནང་གི་རང་ལུས་མེར་བསྲེགས་དང་། རྒྱལ་སྤྱིའི་རང་ལུས་མེར་བསྲེགས་ལ་སོགས་པའི་ལེའུ་བདུན་ཡོད་པའི་དཔེ་དེབ་རང་ལུས་མེར་བསྲེགས་ཞེས་པ་གཅིག་རྩོམ་འབྲི་གནང་སྟེ་འགྲེམས་སྤེལ་བྱས་ཡོད་པ་དང་། བོད་ནང་གི་བོད་མིའི་རང་ལུས་མེར་བསྲེགས་དང་འབྲེལ་བའི་རྒྱལ་སྤྱིའི་ནང་གི་རང་ལུས་མེར་བསྲེགས་ཀྱི་ལས་འགུལ་དབར་ཞིབ་བསྡུར་བྱས་ཡོད་པའི་བོད་གནས་ཉམས་ཞིབ་ཀྱི་དཔེ་དེབ་ཅིག་ཡིན་པ་དང་། དེའི་ནང་ནས་ཀྱང་སྤྱི་ལོ་༢༠༠༩ ལོ་ནས་བོད་ནང་གི་བོད་མི་ཚོས་རང་ལུས་མེར་བསྲེགས་བཏང་སྟེ་རྒྱ་ནག་གཞུང་གིས་བོད་ཐོག་ལ་འཛིན་པའི་སྲིད་ཇུས་ལ་ངོ་རྒོལ་བྱས་པ། ཡང་རང་ལུས་མེར་བསྲེགས་གཏོང་མཁན་གྱི་ཁ་ཆེམས་ཡི་གེ་སོགས་ཚུད་ཡོད་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG