ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཐའི་ཝན་གྱིས་རང་གི་གཞུང་འབྲེལ་མི་སྣ་རྣམས་རྒྱ་ནག་གི་ནང་སློབ་སྦྱོང་བྱ་རྒྱུར་དམ་དྲག


ཉེ་ལམ་ཐའི་ཝན་དང་རྒྱ་ནག་སྐམ་ས་ཆེན་པོ་གཉིས་ཀྱི་འབྲེལ་ལམ་ལ་གནོད་སྐྱོན་བྱུང་བའི་དོན་རྐྱེན་ལ་བརྟེན་ནས་ཐའི་ཝན་གྱིས་ཡུལ་དེའི་རྒྱལ་སྲུང་གནད་དོན་དང་འབྲེལ་བའི་ཐོག་ནས་རང་གི་ཆེས་མཐོའི་གཞུང་འབྲེལ་མི་སྣ་རྣམས་རྒྱ་ནག་སྐམ་ས་ཆེན་པོའི་ནང་སློབ་སྦྱོང་བྱ་རྒྱུར་རེས་གཟའ་ཕུར་བུ་ཉིན་ནས་འགོ་འཛུགས་བྱས་ཏེ་དམ་བསྒྲགས་བྱ་རྒྱུ་ཡིན་ལུགས་ཡུལ་དེའི་ནང་སྲིད་ལྷན་ཁང་གིས་འགྲེལ་བརྗོད་བྱས་ཡོད་པ་དང་ དེ་ཡང་ཐའི་ཝན་གྱི་རྒྱལ་ཡོངས་ཕྱི་མི་ལས་དོན་ལྷན་ཁང་གི་འབྲེལ་ཡོད་མི་སྣས་AFPགསར་སྤེལ་ལས་ཁང་ལ་ རྒྱ་ནག་སྐམ་ས་ཆེན་པོའི་ནང་ཉམས་ཞིབ་བྱས་ཏེ་གནས་ཚུལ་ཆེད་རྩོམ་བྱེད་མཁན་ཐའི་ཝན་གྱི་ཆེས་མཐོའི་གཞུང་འབྲེལ་མི་སྣ་རྣམས་ཀྱིས་རྒྱལ་ཁབ་ཀྱི་གསང་བའི་གནས་ཚུལ་ཕྱིར་བསྒྲག་བྱེད་སྲིད་པར་བློ་འཚབ་ཡོད་ལུགས་འགྲེལ་བརྗོད་བྱས་ཡོད་པ་རེད་ ཕྱི་ལོ་༢༠༠༨ལོར་མ་ཡིང་ཆུ་ཐའི་ཝན་གྱི་སྲིད་འཛིན་ལ་འདེམས་ཐོན་བྱུང་བའི་རྗེས་རྒྱ་ནག་དང་ཐའི་ཝན་གཉིས་ཕན་ཚུན་འབྲེལ་ལམ་བཟང་དུ་ཕྱིན་ཡོད་ན་ཡང་ ཉེ་དུས་གོང་ཞུས་མཚོ་འགྲམ་ཕྱོགས་གཉིས་ཀྱི་འབྲེལ་ལམ་ལ་གནོད་སྐྱོན་བྱུང་ཡོད་པ་རེད།

XS
SM
MD
LG