ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་ནག་དང་ཨ་རི་གཉིས་ཀྱིས་ཨི་བྷོ་ལ་སྔོན་འགོག་གི་ལས་དོན་མཉམ་དུ་བྱ་རྒྱུ་ཡིན་པ།


རྒྱ་ནག་དང་ཨ་མི་རི་ཀ་གཉིས་ཕན་ཚུན་གནད་དོན་མང་པོ་ཞིག་གི་ཐད་བསམ་ཚུལ་མཐུན་གྱི་མེད་པ་དེ་དག་ཟུར་དུ་བཞག་ཏེ་ དེང་སྐབས་ཨ་ཕྷི་རི་ཀའི་ནུབ་ཕྱོགས་ཡུལ་གྲུ་གཙོ་བོ་ཁག་གསུམ་གྱི་ནང་ཧ་ཅང་འགོས་སླ་བ་དང་ ཉེན་ཚབས་ཆེ་བའི་ནད་ཨི་བྷོ་ལ་ཞེས་པ་དེ་འགོས་ཁྱབ་ཏུ་ཕྱིན་ཏེ་ད་བར་མི་གྲངས་༤༥༠༠ལྷག་ལ་སྲོག་སྐྱོན་དང་ ༩༠༠༠ལྷག་ཙམ་ལ་ནད་དེ་འགོས་ཏེ་ཧ་ཅང་ཛ་དྲག་གི་གནས་སྟངས་ཆགས་ཡོད་པར་བརྟེན་ ཨ་མི་རི་ཀའི་གྲོང་ཁྱེར་བྷོ་སི་ཊོན་དུ་གཞུང་འབྲེལ་ལྟ་སྐོར་བྱེད་བཞིན་པའི་རྒྱ་ནག་གི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཕྱི་འབྲེལ་ལས་དོན་ཚན་པའི་འགན་འཛིན་ཡང་ཅི་ཊི་དང་ ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་ཇོན་ཀེ་རི་གཉིས་ཐུག་འཕྲད་གནང་པའི་སྐབས་ཨི་བྷོ་ལ་ཞེས་པའི་ཁྲག་ཐོན་གྱི་ནད་གཞི་དེ་འཛམ་གླིང་གི་ནང་ཁྱབ་བརྡལ་བཀག་འགོག་གི་ལས་དོན་མཉམ་ལས་གནང་རྒྱུའི་ཁས་ལེན་གནང་ཡོད་པ་བཅས་ཀྱི་སྐོར།

XS
SM
MD
LG