ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ཧོང་ཀོང་གི་ངོ་རྒོལ་དང་རྒྱ་ནག་གི་རྒྱལ་སྟོན་དུས་ཆེན།


ཧོང་ཀོང་གི་སློབ་ཕྲུག་སྟོང་ཕྲག་མང་པོས་དམངས་གཙོ་དོན་གཉེར་གྱི་ལས་འགུལ་སྤེལ་ནས་ཉི་མ་ལྔ་ཕྱིན་ཡོད་པ་དང་། ཁོང་ཚོས་ཧོང་ཀོང་གི་ཚོང་དོན་ལྟེ་གནས་དང་དེ་མིན་གྱི་གནད་འགག་ཆེ་བའི་སྲང་ལམ་ཁག་གི་འགྲིམ་འགྲུལ་བཀག་སྟེ། རྒྱ་ནག་གཞུང་གིས་ཕྱི་ལོ་༢༠༡༧་ལོར་ཧོང་ཀོང་གི་སྲིད་སྐྱོང་དམངས་གཙོའི་ལམ་ནས་འོས་འདེམས་བྱ་མི་ཆོག་ཅེས་ཐག་གཅོད་བྱས་པ་དེར་ངོ་རྒོལ་བྱེད་ཀྱི་ཡོད་ཅིང་། སློབ་ཕྲུག་ཚོས་རྒྱ་ནག་དང་དབྱིན་ཇི་གཉིས་ཀྱིས་ཧོང་ཀོང་རྩིས་སྤྲོད་རྩིས་ལེན་སྐབས་སུ་གྲོས་མཐུན་བཞག་པ་ལྟར་ཕྱི་ལོ་༢༠༡༧་ནས་ཧོང་ཀོང་གི་སྲིད་སྐྱོང་མི་དམངས་ལ་ཐད་ཀར་དམངས་གཙོའི་ལམ་ནས་འོས་འདེམས་བྱ་རུ་འཇུག་རྒྱུ་ཡིན་ཞེས་རྒྱ་ནག་གཞུང་གིས་ཁས་ལེན་བྱས་པ་ལག་ལེན་བསྟར་དགོས་པའི་སྐད་འབོད་བྱེད་ཀྱི་ཡོད་པས། སྲིད་དོན་ཉམས་ཞིབ་པ་ཚོས་ཕྱི་ཟླ་༡༠་ཚེས་༡་ཉིན་རྒྱ་ནག་དམར་ཤོག་གི་སྲིད་དབང་ཚུགས་ནས་ལོ་༦༥་འཁོར་པའི་རྒྱལ་སྟོན་དུས་ཆེན་མ་ཚུགས་གོང་། ཧོང་ཀོང་གི་ཉེན་རྟོག་པ་ཚོས་ངོ་རྒོལ་ལས་འགུལ་ལ་ཞུགས་པའི་སློབ་ཕྲུག་ཚོ་བཙན་དྲག་གིས་ཁ་འཐོར་གཏོང་སྲིད་པའི་བློ་འཚབ་བྱས་ཀྱང་། ཧོང་ཀོང་གི་ཉེན་རྟོག་པ་ཚོས་དམངས་གཙོའི་ལས་འགུལ་ལ་ཞུགས་པའི་སློབ་ཕྲུག་ཚོར་དྲག་གནོན་བྱས་པའམ། ཡང་ན་སློབ་ཕྲུག་ཚོ་བཙན་དྲག་གིས་ཁ་འཐོར་བཏང་བ་སོགས་ཀྱི་གནས་ཚུལ་བྱུང་མེད་པ་དང་། གཟའ་ལྷག་པའི་ཉིན་ཧོང་ཀོང་གི་དམངས་གཙོ་དོན་གཉེར་པའི་ངོ་རྒོལ་ལས་འགུལ་གྲོང་ཁྱེར་དེའི་ཨེ་ཤི་ཡའི་ནོར་སྲིད་ལྟེ་གནས་ལའང་རྒྱ་ཁྱབ་སོང་སྟེ། དངུལ་ཁང་གི་ཚོང་ལས་དང་གསེར་དངུལ་ཕ་ལམ་སོགས་ཀྱི་རྒྱན་ཆ་ཉོ་ཚོང་གི་ཚོང་ལས་ཀྱང་འགགས་ཡོད་པ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG