ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཨ་རིའི་མཁའ་དམག་གིས་བསྟོར་རྒོལ་བཏང་སྟེ་ཁ་ཆེ་དྲག་སྤྱོད་པ་ཚོ་མདུན་བསྐྱོད་བྱེད་མ་ཐུབ་པ་བཟོས་པ།


ཁ་ཆེའི་རྒྱལ་ཁབ་ཀྱི་ཟེར་བའི་ཁ་ཆེ་མཐར་ལྷུང་དྲག་སྤྱོད་རུ་ཚོགས་ཀྱིས་དེང་སང་ཨི་རཱག་གི་རྒྱལ་ས་བྷག་རྡད་ཀྱི་ཕྱོགས་་སུ་མདུན་བསྐྱོད་བྱེད་ཀྱི་ཡོད་པ་དེ་ཨི་རཱག་གི་ས་ཐོག་གི་སྐམ་དམག་དང་། ཨ་མི་རི་ཀའི་མཁའ་དམག་གིས་བསྟོར་རྒོལ་བཏང་སྟེ་དྲག་སྤྱོད་པ་དེ་དག་རྒྱལ་ས་བྷག་རྡད་ཀྱི་ཕྱོགས་སུ་མུ་མཐུད་དེ་མདུན་བསྐྱོད་བྱ་རྒྱུ་བཀག་འགོག་བྱེད་ཐུབ་ཡོད་པའི་གནས་ཚུལ་ཐོན་འདུག དེ་ཡང་རྒྱལ་ས་བྷག་རྡད་ནས་མེ་ལེ་༢༥འི་ནུབ་ངོས་སུ་ཡོད་པའི་གྲོང་ཁྱེར་ཕ་ལུ་ཇཱ་ནི། རྒྱལ་ས་བྷག་རྡད་ཀྱི་ཉེ་འཁོར་གྱི་གནད་འགག་ཆེ་བའི་གྲོང་ཁྱེར་ཞིག་ཡིན་པ་དང་། ཨ་མི་རི་ཀ་དང་ཨ་རིའི་མཐུན་ཕྱོཌ་དབྱིན་ཇི་དང་། ཕྲཱན་སི། ཨོ་སོ་ཀྲེ་ལི་ཡ་སོཌ་ཀྱི་གནམ་གྲུས་ཨི་རཱག་བྱང་ཕྱོཌ་དང་སི་རི་ཡ་བྱང་ཕྱོགས་ཁུལ་དུ་ཁ་ཆེན་མཐར་ལྷུང་དྲག་སྤྱོད་ཤོག་ཁག་གི་ཐོག་བསྟོར་རྒོལ་གཏོང་མུས་ཡིན་པ་དང་། གྲོང་ཁྱེར་ཕ་ལུ་ཇའི་གནས་སྟངས་ཞི་འཇམ་དུ་ཕྱིན་ཡོད་མོད། འོན་ཀྱང་། གྲོང་ཁྱེར་དེའི་ཕྱོགས་སུ་འགྲོ་བའི་ལམ་ཆེན་ཞིག་ཁ་ཆེ་དྲག་སྤྱོད་པ་ཚོས་དབང་འཛིན་བྱེད་མུས་ཡིན་པས་ ཨི་རཱག་དང་ཁ་ཆེ་དྲག་སྤྱོད་པའི་དབར་འཐེན་འཁྱེར་འཁྲུགས་འཛིན་ཡོད་མུས་ཡིན་འདུག ཨ་མི་རི་ཀའི་རྒྱལ་སུང་ལས་ཁང་གིས་པེན་ཀྲ་གྷཽན་གྱིས་གསུངས་གསལ་ལ། ཨ་མི་རི་ཀའི་དཔུང་དམག་གིས་ཨི་རཱག་གི་བྱང་ཕྱོགས་ཀྱི་མངའ་སྡེ་ཨཱན་བྷར་ནང་ཁ་ཆེ་དྲག་སྤྱོད་པའི་རྟེན་གཞི་ཁག་གི་ཐོག་བསྟོར་རྒོལ་བཏང་ཡོད་འདུག

XS
SM
MD
LG